没治已病治未病 没治已乱治未乱
点一下上边“玉树卫生与健康”关心人们掌握大量—玉树州藏医院治未病中心揭牌仪式门诊十月,累累硕果的金秋时节,玉树州藏医院治未病中 心在历经两年的筹备宣布揭牌仪式门诊经营。 藏医治未病中心解读当场19日早上10点典礼宣布刚开始,州卫健委党委书记、负责人索昂旺毛与州藏医院院长日洒相互揭牌仪式,日洒详细介绍了治未病中心的基础状况,明确提出“没治已病治未病,没治已乱治未乱”的建科中心思想与核心理念。解说员普措拉藏详解了治未病中心的基本建设缘由和新项目特色,及其问诊安全通道、问诊步骤、房子搭建的特性及归类、藏医体质识别测量表、身心健康调养计划方案、电子信息技术归档、数据统计分析等传统式+当代的健康检查和身心健康调养方式。融合体质设计方案的健康养生阁之一传统式特色藏医治疗法玉树州藏医院“治未病”中心将对于藏医七大体质群体,分別为三种单维型体质、三种双维型体质、一种三维型体质者开展调养;及其身心健康、亚健康状态、易患病症群体、病前情况群体等为服务项目另一半。进行以藏医經典《四部医典》为标准研发的藏医体质识别测量表鉴别藏医七大体质,融合当代优秀仪器设备开展体格检查,倡导心身调养并举的医治核心理念。由专业技术人员出示身心健康调养计划方案,包含饮食搭配调养、生活起居调养、健康保健药品调养(传统式藏药)、传统式外方法(拔罐、保健按摩、中医针灸、拔罐、足浴)、情志治疗法(以妙五欲为突破口根据声、色、香、味、触开展调养,休养地域下设观呼吸室)等健康医疗內容。团体合照根据治疗法感受、查询新项目內容等,卫建委领导干部无比认同藏医治未病的特色优点及实际意义,并明确提出目的性提议。索昂旺毛规定藏医治未病中心将治未病核心理念融进信息时代,以科学研究的方式 承传藏医药民族风格文化艺术,依据不一样体质制订目的性的健康服务,为总体目标群体出示健康医疗,保持功能分区。激励医务人员专职人员守医者初衷,担身心健康重任,在实际上工作上找不够,真抓实干,为服务项目老百姓、弘扬承传藏医药文化艺术无私奉献自身的一份能量,为建立“身心健康玉树”共同奋斗。རྣམ་འགྱུར་མི་བཅོས་ནད་མེད་གསོ།། འཁྲུགས་ཟིན་མི་བཅོས་འཁྲུགས་མེད་གསོ།།—ཡུས་ཧྲུའུ་ཁུལ་བོད་སྨན་རྩིས་ཁང་ནད་མེད་ཚེ་བསྲིང་ལྟེ་གནས་སྒོ་བྱང་འགེལ་ནས་སྨན་བཅོས་བྱེད་འགོ་ཚུགས་པ།གྲུབ་འབྲས་གཡུར་དུ་ཟ་བའི་སྟོན་ཟླ་བཅུ་བ་ལ་ཡུས་ཧྲུའུ་ཁུལ་བོད་སྨན་རྩིས་ཁང་གི་ནད་མེད་ཚེ་བསྲིང་ལྟེ་གནས་ལོ་འགའི་རིང་གི་འཆར་འགོད་ལྟར་དངོས་སུ་སྒོ་བྱང་བཀལ་ནས་གསོ་བཅོས་འགོ་ཚུགས་བྱ། ཚེས་༡༩ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠པའི་སྟེང་མཛད་སྒོ་དངོས་སུ་འགོ་ཚུགས་པ། ཁུལ་འཕྲོད་འཆར་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅུ་དང་ཁུལ་འཕྲོད་འཆར་ལས་ཁུངས་ཀྱི་འགོ་གཙོ་བསོད་ནམས་དབང་མོ། ད་དུང་ཁུལ་བོད་སྨན་རྩིས་ཁང་གི་ཡོན་ཀྲང་རིག་གསལ་སོགས་མཉམ་དུ་སྒོ་བྱང་འགེལ་བ། ཡོན་ཀྲང་གིས་ནད་མེད་ཚེ་བསྲིང་ལྟེ་གནས་ངོ་སྤྲོད་མདོ་ཙམ་བྱས་ནས་ཚན་ཁག་འཛུགས་པའི་༼རྣམ་འགྱུར་མི་བཅོས་ནད་མེད་གསོ། འཁྲུགས་ཟིན་མི་བཅོས་འཁྲུགས་མེད་གསོ་༽ཞེས་པའི་འདུ་ཤེས་གསལ་བོ་འདོན་པ། དེ་མ་ཟད་ཡུལ་དངོས་སུ་ཕེབས་པའི་འགོ་ཁྲིད་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་རྗེས་འགྲེལ་བཤད་པ་ཕུན་ཚོགས་ལྷ་མཛེས་ཀྱིས་ཞིབ་ཕྲའི་ངོས་ནས་ནད་མེད་ཚེ་བསྲིང་ལྟེ་གནས་འཛུགས་སྐྲུན་གྱི་རྒྱུ་རྐྱེན་དང་ལས་གཞིའི་ཁྱད་ཆོས་ངོ་སྤྲོད་གནང་བ་མ་ཟད། སྣེ་ལེན་གྱི་བརྒྱུད་ལམ། ཁང་པའི་སྒྲིག་བཟོའི་ཁྱད་ཆོས་དང་རིགས་དབྱེ། བོད་ལུགས་གསོ་རིག་རང་བཞིན་རྟོག་དཔྱོད་ཀྱི་སྐར་འགོད་རེའུ་མིག བདེ་ཐང་གསོ་བཅོས་ཇུས་གཞི། གློག་རྡུལ་ཆ་འཕྲིན་ཡིག་ཚགས་སུ་ཉར་ལུགས། གནད་བསྡུས་དབྱེ་ཞིབ་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་གཟུགས་པོར་བརྟག་དཔྱད་དང་བདེ་ཐང་སྙོམས་སྒྲིག་བྱེད་ཐབས་སོགས་གསལ་འགྲེལ་བྱས།ནད་མེད་ཚེ་བསྲིང་ལྟེ་གནས་ཀྱིས་རང་བཞིན་བདུན་སྟེ།རྐྱང་བའི་རང་བཞིན་གསུམ་དང་ལྡན་པའི་རང་བཞིན་གསུམ། འདུས་པའི་རང་བཞིན་གཅིག་ལ་དམིགས་ནས་གསོ་བཅོས་ལག་ལེན་དུ་འདེབས། བདེ་ཐང་དང་ནད་ཕོག་སླ་བའི་མི།ནད་མ་ཕོག་གོང་གི་མི་སོགས་ཞབས་ཞུ་བྱ་ཡུལ་དུ་གྱུར།བོད་ལུགས་གསོ་རིག་གི་གསུང་རབ་《དཔལ་ལྡན་རྒྱུད་བཞི》ཚད་གཞིར་འཛིན་ནས་ཞིབ་བཟོ་བྱས་པའི་ལུས་ཀྱི་རང་བཞིན་བགར་བའི་སྐར་འགོད་རེའུ་མིག་གིས་རང་བཞིན་བདུན་པོ་ངོས་འཛིན་ནམ་དབྱེ་ཞིབ་བྱེད་པ་དང་དེང་རབས་ཀྱི་སྔོན་ཐོན་དཔྱད་ཆས་མི་ལུས་གྲུབ་ཆ་དབྱེ་ཞིབ་ཡོ་བྱད་དང་ཟུང་འབྲེལ་བྱས་ནས་བདེ་ཐང་དཔྱད་དཔོག་བྱས། དེ་མ་ཟད་ལུས་སེམས་གཉིས་གསོ་མཉམ་དུ་འཛིན་པའི་སྨན་བཅོས་འདུ་ཤེས་དར་སྤེལ་བཏང་བ། ད་དུང་ཆེད་ལས་མི་སྣས་བདེ་ཐང་གསོ་སྐྱོང་གི་ཇུས་གཞི་མཛུབ་སྟོན་བྱས་པ།དེའི་ནང་དུ་ཟས་སྐོམ་དང་སྤྱོད་ལམ་གྱི་གསོ་སྐྱོང་།སྨན་རྫས་དང་དཔྱད་བཅོས་ཀྱི་གསོ་སྐྱོང་། འདོད་ཡོན་ལྔའི་སྒོ་ནས་གསོ་སྐྱོང་བཅས་བདེ་ཐང་ཞབས་ཞུའི་ནང་དོན་དུ་ཚུད།བདེ་ཐང་གསོ་ཐབས་ལ་ཉམས་ལེན་དང་ལས་གཞིའི་ནང་ཚན་ལྟ་ཞིབ་སོགས་བརྒྱུད་ནས་ཁུལ་འཕྲོད་འཆར་ལས་ཁུངས་དབུ་ཁྲིད་ཀྱིས་ནད་མེད་ཚེ་བསྲིང་ལྟེ་གནས་ཀྱི་ཁྱད་འཕགས་དགེ་མཚན་གྱི་ཁྱད་ཆོས་དང་མངོན་སུམ་གྱི་དོན་སྙིང་ལ་ཁས་ལེན་བྱེད་ཅིང་དམིགས་ས་ཅན་གྱི་བསམ་འཆར་འདོན་པ། ཁུལ་འཕྲོད་འཆར་ལས་ཁུངས་ཀྱི་འགོ་གཙོ་བསོད་ནམས་དབང་མོས་དགོས་འདོད་ལྟར་ནད་མེད་ཚེ་བསྲིང་ལྟེ་གནས་ཀྱི་འདུ་ཤེས་ཆ་འཕྲིན་ཅན་གྱི་དུས་སྐབས་སུ་ཞུགས་འདྲེས་བྱེད་པ་དང་ཚན་རིག་གི་ཐབས་ལམ་སྤྱད་དེ་མི་རིགས་ཁྱད་ལྡན་གྱི་བོད་ཀྱི་གསོ་རིག་རིག་གནས་བརྒྱུད་དུ་འཛིན་པ།ཐུན་མིན་གྱི་རང་བཞིན་དང་བསྟུན་དམིགས་བསལ་གྱི་བདེ་ཐང་དོ་དམ་འགོད་ཅིང་དམིགས་འབེན་ཅན་གྱི་མི་ཚོགས་རྣམས་ལ་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་པ། བྱེད་ལས་དངོས་སུ་འགྲུབ་ནས་གཏན་ཁེལ་བྱ་ཞིང་སྨན་དོན་མི་སྣ་རྣམས་ལ་སྨན་པའི་ཐོག་མའི་བསམ་འདུན་སྲུང་ལ་བདེ་ཐང་གི་འགན་འཁྲི་ཕྲག་ཏུ་འཁུར་བའི་སྐུལ་འདེགས་གཏོང་། རྒྱུན་དུས་དངོས་ཀྱི་ལས་དོན་ཁྲོད་མི་ལྡང་ས་འཚོལ་བ་དང་དོན་ཐོག་ཏུ་འཁྱོལ་བ། མི་དམངས་ཞབས་འདེགས་བྱེད་ཅིང་བོད་གསོ་རིག་གི་ཁྱད་འཕགས་རིག་གནས་དར་སྤེལ་གཏོང་ནས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་བདེ་ཐང་ཡུས་ཧྲུའུ་འཛུགས་སྐྲུན་བྱེད་པ་ལ་འབད་བརྩོན་བྱ་རྒྱུ་གལ་བ་ཞེས་སུ་གསུངས་སོ།阅读推荐玉树州卫健委运行2019年“服务项目老百姓身心健康统一行动”大中型义诊活动周玉树州环境卫生身心健康联合会 举办“初心不忘、牢记重任”专题教育 工作中鼓励布署会“初心不忘 牢记重任”专题教育微日本动漫⑩党的领导【初心不忘 牢记重任】“初心不忘、牢记重任”专题教育最齐应知应会专业知识!玉树州卫生系统每名共产党员必背的专题教育重要內容没治已病治未病 没治已乱治未乱