【སྨན་བརྡ】医疗.快讯
སྨན་བརྡ།
《སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ཇུས་གཞི་》དང་།《དཀར་མཛེས་ཁུལ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཇུས་གཞི་》ལ་གཞིར་བཟུང་བ་དང་། དཀར་མཛེས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དམིགས་ཡུལ་ཁྲོད་ཀྱི་གཅིག་ཅན་ལྔ་རོགས་སྐྱོར་གྱི་སྨན་བཅོས་རོགས་སྐྱོབ་ནང་དོན་ལ་ཟུང་འབྲེལ་བྱས་ཏེ།《དབུལ་ཕོངས་བརྒྱ་ཁྲིའི་སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་》ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་ལས་ཁྲུའུ་དང་།ཁུལ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ནས་གསེར་རྟ་རྫོང་དུ་མིག་བཤེར་ཤེལ་སྦྱོར་དང་།ཐུམ་འབུའི་ནད།སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་དང་ནད་རིགས་གཞན་དག་ལ་རིན་མེད་བདེ་ཐང་ལུས་བཤེར་ལས་དོན་སྤེལ་རྒྱུ་ཡིན།ད་ལྟར་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་གཤམ་གསལ་ལྟར།སྨན་བཅོས་རུ་ཁག་གིས་གསེར་རྟ་རྫོང་དུ་ལུས་བཤེར་ས་གནས་བཅོ་ལྔ་སྒྲིག་བཀོད་བྱས་ནས་ཁྱོན་བསྡོམས་ཉིན་བརྒྱད་ལ་རིན་མེད་ལུས་བཤེར་ལས་དོན་སྤེལ་རྒྱུ་ཡིན།
དང་པོ། བཀོད་སྒྲིག་དངོས་གཤམ་གསལ་ལྟར།
ཟླ་༦པའི་ཚེས་༢༣ཉིན། རྒྱ་ཤོད་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༣ཉིན། སྦོ་མདའ་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ༦པའི་ཚེས་༢༤ཉིན ། ཡངས་འགོ་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༤ཉིན། ཤེལ་གྲུབ་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས་༢༥ཉིན། ཧོར་ཤུལ་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༥ཉིན། རྣུབ་གཟུར་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས་༢༦ཉིན། ཉི་སྟོད་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༦ཉིན། ཁེས་སྐོར་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས་༢༧ ཉིན། མཁན་ལེབ་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༧ཉིན། བརྡར་ཚང་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས་༢༨ཉིན། སྟག་རྩེ་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༨ཉིན། ཡར་ལུང་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས་༢༩ཉིན། མཆོག་གཙང་ཤང་འཕྲོད་བསྟེན་ཁང་།(སྔ་དྲོ)
ཟླ་༦པའི་ཚེས་༢༩ཉིན། གཉན་ལུང་ཤང་འཕྲོད་བསྟེན་ཁང་།(ཕྱི་དྲོ)
ཟླ་༦པའི་ཚེས ༣༠ཉིན། རྫོང་མི་དམངས་སྨན་ཁང་།(ཉིན་གང་)
གཉིས་པ། ཞིབ་བཤེར་རྣམ་གྲངས།
༡ མིག་ནད་ཚན་ཁག སྐྱ་འགྲིབ། ཤ་འཛེར་མིག་ནད། ལྗང་འགྲིབ། ཡོ་ཞན་མིག་ནད། མཆི་ལམ་མིག་ནད། མིག་རྩ་ནད།
༢ ཕྱི་ནད་ཚན་ཁག གཞང་འབྲུམ། རྫ་ཤ་ལུག་པ། གཞང་དཀར་ནག་གི་སྐྲན་ནད། ནུ་མའི་གཤེར་རྨེན་གྱི་ནད། ཕོ་རྒྱུའི་ནད།
༣ རུས་ནད་ཕྱི་ཁག རྐང་རྐེད་ཚིགས་ཀྱི་ནད། གྲུམ་བུ་ཚིགས་ནད།
༤ མཆིན་མཁྲིས་ཕྱི་ཁག ཐུམ་འབུའི་ནད། མཁྲིས་རྡོའི་ནད།
༥ གཅིན་ཟགས་ཚན་ཁག ཕོ་རྨེན་ནད་སོགས་སྐྱེས་པའི་ནད་རིགས།
༦ རྣ་སྣ་གྲེ་ནད་ཚན་ཁག སྐེ་རྨེན་དང་དེ་མིན་རྣ་སྣ་གྲེ་བའི་ནད་རིགས།
འབྲེལ་གཏུག་ཁ་པར ༠༨༣༦-༢༨༢༧༨༨༦ ༡༣༦༨༨༤༤༧༧༢༢
以爱与青春为名,陪你一路成长
不失初心,不忘初衷
夏七夕工作室
微信号 : 13688447722
咨询电话:08362827886